Tue, 14 March 2023
To
Tue, 14 March 2023
Thromde Main Conference Hall

གནམ་ལོ་ ༢༠༢༣ ཟླ་༡ པའི་ ཚེས་༢༢ རེས་གཟའ་ལྷག་པ་ སྤྱི་ཚེས་༡༤/༠༣/༢༠༢༣ གཟའ་སྐར་བཟང་བའི་ཉིནམ་དང་འབྲེལ་ ཁྲོམ་སྡེ་ཚོགས་སྡེ་༣ པའི་ ཚོགས་ཐེངས་༤ པ་འདི་ དགེ་ལེགས་ཕུག་ཁྲོམ་སྡེའི་ ཞལ་འཛོམས་ཁང་ཆེ་བ་ནང་ལུ་ ཚོགས་ཡི། དེ་ནང་ ཁྲོམ་སྡེ་ཚོགས་སྡེ་གི་ཁྲི་འཛིན་མཆོག་དང་ བཀོད་ཁྱབ་དྲུང་ཆེན་ངོ་ཚབ་ འདེམས་ཁོངས་དྲུག་གི་འཐུས་མི་ག་ར་ དེ་ལས་ ཡིག་ཚང་གི་ལས་བྱེདཔ་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་མ་ཚད་ དྲགོས་བགྲེསཔ་ཚུ་དང་ གློག་མེ་ལས་འཛིན་གྱི་འཛིན་སྐྱོང་པ་ དེ་ལས་ ལུང་ཕྱོགས་འབྲུག་ཚོང་དང་བཟོ་གྲྭའི་ཚོགས་སྡེ་གི་གཙོ་འཛིན་འོགམ་བཅས་ ལྟ་རྟོག་པ་སྦེ་ གྲལ་གཏོགས་འབད་ཡོདཔ།

ཁྲོམ་སྡེ་ཚོགས་སྡེ་ཡང་ འགོ་གཞུགས་གྲལ་ཕུན་གསུམ་ཚོགས་པ་ལས་བཙུགས་ཏེ་ མི་དབང་མངའ་ཞབས་མཆོག་གི་ ཞབས་བརྟན་ཕུལ་ཐོག་ ལས་རིམ་མཇུག་བསྡུ་ཡོདཔ།